【阿医科普】脑卒中科普(汉藏文版)
作者:文家智 文章来源:阿坝州人民医院神经外科 点击量:2128 更新时间:2023/12/13 14:52:42
 

脑卒中到底是什么?

༡  ཀླད་པའི་ནང་དུ་དོན་ངོ་མར་ཅི་ཞིག་ཡོད་དམ

脑卒中的定义为急性脑血管病引起的局部脑功能障碍,其临床症候持续超过24小时。卒中包括缺血性卒中和出血性卒中,缺血性卒中又称脑梗死,包括脑血栓形成和脑栓塞,占卒中的85%。

如果缺血性脑血管病的症候持续时间<24小时,称为短暂性脑缺血发作。出血性卒中是因脑血管出血所致,出血性卒中占卒中的15%。



ཀླད་ཁྱིམ་ནད་ྱི་མཚན་ཉིད་ནི་མྱུར་གཤིས་ཀྱི་ཀླད་པའི་ཁྲག་རྩའི་ནད་ཀྱིས་བསླངས་པའི་ཀླད་ནུས་བར་གེགས་ཆ་ཤས་ཤིག་ཡིན་ལ། སྤྱིར་བཏང་ནད་ཐོག་གི་ནད་རྟགས་མངོན་པའི་དུས་ཡུན་ཆུ་ཚོད་24ལས་བརྒལ་ཡོད། དེ་ལ་ཁྲག་དཀོན་རང་བཞིནདང་ཁྲག་ཟགས་རང་བཞིན་གྱི་ནད་རིགས་གཉིས་ཡོད། དང་པོ་ཁྲག་དཀོན་རང་བཞིན་ནད་ཀྱི་མིང་གཞན་ལ་ཀླད་ཁྲག་འགག་པའི་ནད་ཅེསཟེར་ཞིང་བྱེ་བྲག་ཏུ་ཀླད་པའི་ཁྲག་དབལ་གྲུབ་པ་དང་ཀླད་རྩ་འགག་པའི་ནད་སྣ་གཉིས་སུ་དབྱེ་ཆོག ནད་གཞི་དེས་ཀླད་ཁྲག་འགག་པའི་ནད་པའི་ཁྲོད་ཀྱི་85%ཟིན།གལ་ཏེ་ཁྲག་དཀོན་རང་བཞིན་གྱི་ཀླད་པའིཁྲོད་ཁྲག་རྩའི་ནད་ཀྱི་མངོན་རྟགས་རྒྱུན་མཐུད་པའི་དུས་ཡུན་ཆུ་ཚོད་24ལས་ཐུང་ན།དེ་ལ་དུས་ཐུང་རང་བཞིན་གྱི་ཀླད་ཁྲག་དཀོན་པའི་ནད་ཅེས་ཟེར། གཉིས་པ་ཁྲག་ཟགས་རང་བཞིན་གྱི་ནད་གཞི་ནི་ཀླད་པའི་ཁྲག་རྩ་རྡོལ་ནས་བྱུང་བ་དང་།ཁྲག་ཟགས་རང་བཞིན་གྱི་ནད་པའི་ཁྲོད་ཀྱི་15%ཟིན།

青藏高原平均海拔在1500--4000m以上,具有低氧、低气压、寒冷、干燥、辐射强等特点,为了代偿低氧环境,人脑血流量会增多,脑血管舒张和脑血流速度会加快;其次,青藏高原地区膳食以高盐、高脂、高胆固醇、低维生素C为特点近年来随着生活改善膳食结构改变由饮茶逐渐食用高糖饮料,抽烟、喝酒逐渐年轻化,生活不规律性,高原地区人民逐渐出现四大慢性疾病高血压、高血脂、高血糖、高血尿酸血症。因此,青藏高原地区人群更易出现血液黏度高、血管壁硬化、血管脆性增加等,而这些因素均可能与脑卒中形成相关。脑卒中我国发病率位居全球最高我国发病率最高在青藏高原地区海南三亚发病率最低。(2023年统计结果)

མཚོ་བོད་མཐོ་སྒང་གི་ཆ་སྙོམས་ས་བབ་ཀྱི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་རྨིད4000ཡན་ཡིན་པ་དང་། ཁོར་ཡུག་དེར་གསོ་རླུང་ཉུང་་རླུང་གནོན་དམའ་བ་དང་།གྲང་ངར་རྒོད་པ། མཁའ་དབུགས་སྐམ་ཤས་ཆེ་བ། སྨུག་ཕྱིའི་ཐིག་གི་ཚད་མཐོ་བ་ཆེ་བ་སོགས་ཀྱི་ཁྱད་ཆོས་ཡོད་ལགནས་དེའི་འཚོ་བའི་བཟའ་བཏུང་གི་གོམས་སྲོལལ་གཙོ་ཆེར་ལན་ཚྭ་མངབ་དང་།ཚིལ་མང་བ།མཁྲིས་རྒྱུ་གཤེར་རྩི་མཐོ་བ། ལྡུམ་ཚལ་རིགས་ཀྱི་འཚོ་རྒྱུ་Cདམའ་བ་བཅས་ཀྱི་ཁྱད་ཆོས་སུ་ལྡན། ཉེ་བའི་ལོ་ཤས་རིང་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཇ་འཐུང་བའི་གོམས་གཤིས་ལ་འགྱུར་ལྡོག་ཕྱིན་ནས་མངར་ཆ་མཐོ་བའི་བཏུང་བ་སྣ་ཚོགས་རིམ་བཞིན་སྤྱོད་ཀྱི་ཡོད། གཞན་ཐ་མག་དང་ཆང་རག་ལ་སྤྱོད་མཁན་རིམ་གྱིས་མང་དུ་ཕྱིན་པསབདེ་ཐང་འཚོ་བའི་ཆོས་ཉིད་དང་འགལ་བར་བརྟེན་མཚོ་བོད་མཐོ་སྒང་ས་ཁུལ་གྱི་མི་དམངས་ལ་དལ་གཤིས་ཀྱི་ནད་ཆེན་པོ་བཞིའིཁྲག་ཤེད་མཐོ་བ་དང་།ཁྲག་ཞག་མཐོ་བ།ཁྲག་ཧྭགས་མཐོ་བ།ཁྲག་སྐྱུར་མང་ནད་ཕོག་གིན་ཡོད། དེར་བརྟེནས་ཁུལ་དེའིམང་ཚོགས་ལ་ཁྲག་གི་འབྱར་ཤུགས་མཐོ་བ་དང་།ཁྲག་རྩ་སྲ་འགྱུར།ཁྲག་རྩ་སོབ་ཆགས་སོགས་ནད་གཞི་འབྱུང་སླ་ལ།རྒྱུ་རྐྱེན་དེ་དག་ནི་ཀླད་འདས་ཀྱི་ཀླད་པའི་ནང་གྲུབ་པ་ད་འབྲེལ་བ་ཡོདའཛམ་གླིང་ཐོག་ཀླད་འདས་ནང་གི་ནད་ཕོག་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་ནི་ཀྲུང་གོ་ཡིན་ལ།ཀྲུང་གོའི་མངའ་ཁོངས་ནས་ཚད་མཐོ་ཤོསཀྱི་ས་ཁུལ་ནི་མཚོ་བོད་མཐོ་སྒང་ཡིན། དེ་ལ་ལྡོག་ཏེ་རང་རྒྱལ་མངའ་ཁོངས་སུ་ཀླད་འདས་ནང་གི་ནད་ཕོག་ཚད་དམའ་ཤོས་ནི་འེ་ནན་སན་ཡའི་ས་ཁུལ་ལ་ཆགས་ཡོད།2023ལོའི་བསྡོམས་རྩིས་བྱས་འབྲས།


大脑控制着整个身体,所以卒中的症状遍布全身。具体出现什么症状,取决于脑组织受损的部位。

ཀླད་ཆེན་གྱིས་ལུས་ཡོངས་ཚོད་འཛིན་བྱས་ཡོད་པས། བྱེ་བྲག་ཏུ་ནད་རྟགས་ཅི་ཞིག་བྱུང་བཀླད་པའི་ཕུང་གྲུབ་ཀྱི་གནོད་འཚེ་ཐེབས་ཡུལ་ལ་རག་ལས་ཡོད།

卒中有哪些征兆

1、突然出现一侧头面部、手脚麻木的现象;

2、突然走路不稳、感觉头部眩晕(警惕后循环中风);

3、突然视物模糊、出现黑朦、偏盲、复视;

4、突然说不清楚话、流口水、口角歪斜;

5、突然失语,讲不出话或者听不懂话;

6、突然剧烈头痛;

7、突然感觉身体无力、活动不灵便;

8、突然昏迷,难以唤醒。

ཁྲག་གྲིབ་ནད་ཀྱི་སྔ་ལྟས་བརྒྱད།     

གཅིག གློ་བུར་དུ་མགོའི་གཞོགས་གཅིག་གི་གདོང་དང་རྐང་ལག་སྦྲིད་པ་ལྟ་བུའི་སྣང་ཚུལ་འབྱུང་བ།     

གཉིས།    གློ་བུར་དུ་གོམ་པ་བརྟན་པོ་ཞིག་སྤོ་མ་ཐུབ་པར་མགོ་ཡོམ་འཁོར་བ།     

གསུམ།    གློ་བུར་དུ་བལྟས་པའི་དངོས་པོ་མིག་ལམ་ལ་རབ་རིབ་ཏུ་གྱུར་ནས་བསྐྱར་དུ་མཐོང་བ།     

བཞི།    གློ་བུར་དུ་སྐད་ཆ་གསལ་བོར་བཤད་མི་ཤེས་པ་དང་།    ཁ་ཆུ་འཛག་པ།    ཁ་ཡོ་བ།     

ལྔ། གློ་བུར་དུ་ངག་ལྐུགས་པ།    སྐད་ཆ་མི་ཤོད་པ།    སྐད་ཆ་གོ་མི་ཐུབ་པ།     

དྲུག གློ་བུར་དུ་མགོ་ན་བ།     

བདུན།    གློ་བུར་དུ་ལུས་པོར་ཤུགས་མེད་པའི་ཚོར་བ་སྐྱེས་པ།    འགུལ་སྐྱོད་བྱེད་མི་བདེ་བ།     

བརྒྱད།    གློ་བུར་དུ་དྲན་པ་འཐོར་ནས་གཉིད་ལས་སད་དཀའ་བ།     

不同类型卒中的原因

《中国脑卒中防治报告2019》指出,我国卒中患者平均发病年龄在65岁左右。但目前来看,我国卒中总体发病年龄趋势呈现年轻化。

1.有一定慢病基础,却不重视

高血压、高血脂、糖尿病等是卒中发生的高危因素,但很多中年人并不知道,也不重视这些问题。

有些中年人不进行健康体检,等到发病偏瘫了才知道自己有高血压。有些人即便发现以后也不重视,总觉得自己年轻,能熬过去,吃点药就不管它。

2. 重口味饮食、吸烟酗酒

高盐饮食是公认的高血压危险因素之一,同时可诱发脑中风。而高糖、高脂饮食也不利血管健康。此外,吸烟会导致血管内皮功能紊乱,血栓生成增加。而有研究显示,大量饮酒可使卒中风险增加20%。

3. 熬夜、压力大、情绪激动

加班、熬夜、压力大,情绪激动也是诱发脑卒中的因素之一。长期精神紧张、焦虑必然造成交感神经兴奋,血管收缩和痉挛,同时血管压力也会增加,造成血管内皮损伤、脂质沉积而导致动脉硬化。

4. 肥胖,尤其是腹型肥胖

超重和肥胖会增加卒中的发病风险。2018年一项研究分析发现,体质指数每增加5个单位,卒中风险增加110%。

2020年12月23日,国家卫健委发布会上提到,6-17岁儿童青少年超重肥胖率接近20%,6岁以下儿童超重肥胖率达到10%。我国超重肥胖率上升速度较快,全人群都受超重肥胖影响。


时间窗内开展有效治疗

一旦发生脑卒中,需要尽快到最近的卒中中心和脑卒中筛查与防治基地医院等具备卒中救治能力的医疗机构接受规范救治。

治疗急性脑梗死的最佳时机称为时间窗。目前的静脉溶栓时间窗为起病4.5小时内。在时间窗内开展静脉溶栓治疗及血管内治疗(取栓)等方案是目前最有效的救治措施。

རིགས་མི་འདྲ་བའི་ཁྲག་གྲིབ་ནད་ཀྱི་རྒྱུ་རྐྱེན།

ཀྲུང་གོའི་ཀླད་པའི་ནད་ཀྱི་འགོག་བཅོས་སྙན་ཞུ2019ཞེས་པའི་ནང་རང་རྒྱལ་གྱི་ནད་པའི་ཁྲོད་དུ་ཆ་སྙོམས་ནད་ཕོག་པའི་ལོ་ཚད་65ཙམ་ཡིན་པ་བསྟན་ཡོད། འོན་ཀྱང་ད་བབ་གནས་ཚུལ་ལ་བལྟས་ན།རང་རྒྱལ་གྱི་ནད་ཕོག་པའི་ལོ་ཚད་ཧྲིལ་པོ་ན་གཞོན་ཅན་དུ་འགྱུར་བཞིན་ཡོད།

གཅིག  རང་ཉིད་ལ་དལ་གཤིས་ནད་ཀྱི་རྨང་གཞི་ངེས་ཅན་ཞིག་ཡོད་ནའངརྒྱུན་མཐོང་གི་ནད་ཁྲག་ཤེད་མཐོ་བ་དང་།ཁྲག་ཞག་མཐོ་བ།གཅིན་པ་མངར་འགྱུར་གྱི་ནད་ལྟ་བུ་བླ་གཉེན་གྱི་ཚུལ་དུ་ཕོག་སླ་བའི་ནད་གྱི་ཉེན་འི་རྒྱུ་རྐྱེན་མི་ཤེས་པས། དར་མ་མང་པོ་ཞིག་གིས་གནད་དོན་འདི་དག་ལ་མཐོང་ཆེན་བྱེད་ཀྱི་མེད། ཁྱད་པར་དར་མ་ཁ་ཤས་ལ་ནད་རྟགས་རེ་ཟུང་མངོན་ནའང་གཟུགས་པོར་བརྟག་དཔྱད་མི་བྱེད་པས།ནད་ཕོག་ནས་གཞོགས་ཕྱེད་ཞ་རྗེས་ད་གཟོད་གཞི་ནས་རང་ཉིད་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་པ་ཤེས་ཀྱི་ཡོད།  ཡང་མི་ཁ་ཤས་ཀྱིས་རྗེས་སུ་རང་ཉིད་ལ་ཁྲག་ཤེད་མཐོ་བའི་ནད་ཡོད་པ་ཤེས་ཀྱང་མཐོང་ཆེན་མི་བྱེད་པར་རྒྱུན་པར་རང་ཉིད་ལོ་ན་ཆུང་ཞིང་སྡུག་རུས་བྱས་ནས་ཕར་སྐྱེལ་ཐུབ་སྙམ་གྱི་ཡོད་ཅིང་།སྨན་ཉུང་ཙམ་བསྟེན་པ་ལསནད་ཀྱི་གནས་ཚུལ་ལ་བརྟག་ཞིབམི་བྱེད།

གཉིས། ལྕི་ཚད་མཐོ་བའི་བཟའ་བཅའ་དང་ཐ་མག་འཐེན་པ། དེ་ལས་ཀྱང་ཚྭ་མང་བའི་བཟའ་བཏུང་ནི་ནད་ཐོག་སྨན་པ་ཀུན་གྱིས་ཁས་ལེན་པའི་ཁྲག་ཤེད་མཐོ་བའི་ནད་ཀྱི་འབྱུང་རྐྱེནགཙོ་གྲས་ཤིག་ཡིན་པ་མ་ཟད། ཚབས་ཆེས་ན་ཀླད་པར་གྲིབ་ནད་སློང་སྲིད། གཞན་ཀ་ར་དང་ཚིལ་བསྟེན་དྲགས་པས་ཀྱང་ཁྲག་རྩའི་བདེ་ཐང་ལ་གནོདསྤྱིར་ཐ་མག་འཐེན་ན་ཁྲག་རྩའི་ནང་པགས་ཀྱི་བྱེད་ལས་འཁྲུག་པ་དང་ཁྲག་དབལ་མང་དུ་འགྲོ་བ་ཡིན། ཞིབ་འཇུག་ལས་མངོན་པ་ལྟར་ན།ཆང་མང་པོ་འཐུང་ན་ཁྲག་ཤེས་མཐོ་བའི་ནད་པའི་ཁྲོད་ཉེན་ཁ་20%ཡིས་ཆེ་རུ་འགྲོ།

གསུམ།མཚན་མོ་གཉིད་ཡེར་བ་དང་།གནོན་ཤུགས་ཆེ་བ། སེམས་ལས་མང་བ། རྒྱུན་པར་ལས་སྣོན་བྱེད་པ། མཚན་མོར་གཉིད་མི་ལོག་པ་བཅས་ནི་སྙིང་ལ་གནོད་འཚེ་ཆེན་པོ་ཐེབས་པའི་རྒྱུ་རྐྱེན་ཞིག་ཡིན། དུས་ཡུན་རིང་བོར་སེམས་འཚབ་པ་དང་སེམས་འཚབ་བྱས་ན་ཚོར་བྱེད་དབང་རྩར་གནོན་ཟུག་ལངས་པ་དང་།ཁྲག་རྩའཁུམ་པ་དང་ཆབས་ཅིག་ཁྲག་རྩའི་གནོན་ཤུགས་ཀྱང་ཇེ་མཐོར་སོང་ནས་ཁྲག་རྩའི་ནང་པགས་ལ་དམས་སྐྱོན་དང་ཚིལ་རྫས་བསགས་ཏེ་འཕར་རྩ་སྲ་འགྱུར་དུ་འགྱུར་སྲིད།

བཞི།ལུས་ཡོངས་ཀྱི་ཤ་རྒྱགས་པ་དང་།ཁྱད་པར་གསུས་ཤ་རྒྱགས་པའི་ལྗིད་ཚད་ཚད་ལས་བརྒལ་བཆགས་ཚེ་ཁྲག་ཤེད་མཐོ་བའི་ནད་པའི་ཁྲོད་ཀྱི་ཉེན་ཁ་ཆེ་རུ་འགྲོ་ངེས། 2018ལོའི་ཞིབ་འཇུག་དབྱེ་ཞིབ་ཞིག་ལས་ཤེས་རྟོགས་བྱུང་བར་གཞིགས་ན།གཟུགས་གཞིའི་གྲངས་རེར་ཚན་པ་5མང་དུ་སོང་ན་ཉེན་ཁ་10%མང་དུ་ཕྱིན་པར་བཤད་ཡོད།2020ལོའི་ཟླ་12ཚེས་23ཉིན་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལོ་6-17བར་གྱི་བྱིས་པ་ལོ་ཆུང་ཚོ་ཚད་ལས་བརྒལ་བའི་རྒྱགས་པ་ཆགས་ཚད་20%ཙམ་ཟིན་རྒྱུ་དང་ལོ་6མན་གྱི་བྱིས་པའི་ཚོ་ཚད་ལས་བརྒལ་བའི་ལྗིད་ཚད་10%ཟིན་རྒྱུ་རེད་ཅེས་རྗེས་དཔག་གི་སྐད་ཆ་བཤད་པ་རེད། རང་རྒྱལ་གྱི་མང་ཚོགས་རྣམས་རྒྱུན་ལྡན་ལྗིད་ཚད་ལས་བརྒལ་ཏེ་རྒྱགས་པ་ཆགས་པའི་ཚད་ཇེ་མཐོར་འགྲོ་བ་ཅུང་མགྱོགས་པས། རྒྱགས་པ་ཆགས་ཏེ་རྒྱུ་ཚས་ལས་བརྒལ་བའི་མིས་མི་ཚོགས་ཡོངས་ལ་ཤུགས་རྐྱེན་ཐེབས་ཡོད།དུས་ཡུན་ཐུང་ངུའི་ནང་ནུས་ལྡན་སྨན་བཅོས་བྱེད་དགོས་ཚེ་ཀླད་ནད་ཚན་ཁག་དང་འགོག་བཅོས་རྟེན་གཞིའི་སྨན་ཁང་སོགས་ལ་སོང་ནས་ཀླད་པར་བརྟག་དཔྱད་བྱས་ཏེ་སྐྱོན་མེད་ན་སྨན་བཅོས་ནུས་པ་ལྡན་པའི་སྨན་བཅོས་སྒྲིག་གཞིར་སོང་ནས་སྨན་བཅོས་བྱེད་དགོས། མྱུར་གཤིས་ཀླད་ཁྲག་འགག་པའི་ནད་པར་གསོ་བཅོས་ཀྱི་ཆེས་ལེགས་པའི་དུས་ཚོད་ལ་དུས་ཚོད་སྒེའུ་ཁུང་ཟེར། མིག་སྔའི་སྡོད་རྩའི་ཞུ་སྒོའི་དུས་ཚོད་ནི་ཆུ་ཚོད་4.5ཡི་ནང་དུ་ཡིན། དུས་ཚོད་སྒེའུ་ཁུང་ནང་ཁྲག་རྩར་ཞུ་བྱེད་ཀྱི་སྨན་བཅོས་དང་ཁྲག་རྩའི་ནང་སྨན་བཅོས་བྱེད་པ་སོགས་ཀྱི་ཇུས་གཞི་ནི་མིག་སྔར་ཆེས་ནུས་ལྡན་གྱི་སྐྱོབ་བཅོས་བྱ་ཐབས་ཡིན།


溶栓治疗

通过溶栓药物把堵在脑血管里的血栓溶解掉,使闭塞的血管再通,及时恢复供血,减少缺血脑组织坏死。

取栓治疗

针对颅内大血管闭塞。通过导管经血管内到达闭塞部位,使用特殊的取栓装置将血栓取出,恢复闭塞部位血流。

取栓治疗的最佳时间为发病6小时以内,部分患者可延长至24小时以内。

手术/介入/药物治疗

急性出血性卒中包括脑出血或蛛网膜下腔出血,一旦确诊,往往需要积极寻找并尽可能消除病因,同时进行降颅压治疗,必要时需急诊手术,其中因动脉瘤破裂引起的蛛网膜下腔出血可以急诊行动脉瘤栓塞治疗。

脑卒中的预防

(一)一级预防

01防治高血压

控制高血压是预防脑卒中的核心环节,降压一定要达标。

①老年高血压患者血压应该控制在150/90mmHg以下;

②冠心病患者血压应降至140/90mmHg以下;

③糖尿病或肾病患者,血压应控制在140/90mmHg以下;

④糖尿病伴缺血性心脏病,血压应降至130/80mmHg以下;

⑤老年人舒张压不要<70mmHg,否则可能有低灌注表现,如乏力、眩晕、嗜睡及短暂性脑缺血发作等;

⑥单纯颈动脉狭窄>70%,收缩压不要低于130mmHg,双侧颈动脉狭窄>70%,收缩压不要低于140mmHg,否则有增加脑缺血的风险;

⑦合理生活方式防治高血压,如低盐、戒烟酒、适当运动等。

02防治糖尿病

糖尿病患者发生脑卒中的危险增加3.6倍,血糖异常加速脑血管病的发展,与脑卒中复发有关。控制血糖水平是预防脑卒中的重要措施,控制目标如下表。

སྨན་དེའི་རིགས་ཀྱིས་ཀླད་ཁྲག་ནང་དུ་བཀག་པའི་ཁྲག་དབལ་ཞུ་འབྱེད་བྱས་ཏེ་འགགས་ཟིན་པའི་ཁྲག་རྩ་ལ་ཡང་བསྐྱར་ཁྲག་རྒྱུ་རུ་བཅུག་ནས་དུས་ཐོག་ཏུ་ཁྲག་རྒྱུན་སླར་གསོ་བྱས་ཏེ། ཁྲག་ཟད་ཀྱིས་བསྐྱེད་པའི་ཀླད་པའི་ཕུང་གྲུབ་ཀྱི་ཤི་སྐྱོན་ཇེ་ཉུང་དུ་གཏོང་དགོས། སྨན་བཅོས་བྱེད་སྐབས་ཀླད་པའི་ནང་གི་ཁྲག་རྩ་གཙོ་ཆེ་བ་ཟུམ་འགགས་བྱས་པ་དེ་ལ་དམིགས་དགོས། འདྲེན་སྦུག་དེ་ཁྲག་རྩའི་ནང་ནས་ཟུམ་འགགས་ཀྱི་གནས་ལ་ཐོན་རྗེས་དམིགས་བསལ་གྱི་འདོགས་བྱེད་སྒྲིག་ཆས་ཀྱིས་ཁྲག་བླངས་ནས་ཟུམ་འགགས་གནས་ཀྱི་ཁྲག་རྒྱུན་སླར་གསོ་བྱེད་དགོས། སྨན་བཅོས་བྱེད་པའི་དུས་ཚོད་ཡག་ཤོས་ནི་ནད་ཕོག་པ་ནས་བརྩིས་པའི་དུས་ཚོད་6ནང་ཚུན་ཡིན་ཞིང་།ནད་པ་ཁ་ཤས་ཀྱིས་ཆུ་ཚོད་24ནང་ཚུན་དུ་ནར་འགྱངས་བྱས་ཡོདགཤགས་བཅོས་ཀྱི་གོ་རིམ་ཁྲོད་ནད་ཐོག་སྨན་པས་མྱུར་གཤིས་ཀླད་ཁྲག་རྡོལ་བའི་ནད་པར་ཀླད་པའི་ནང་གི་ཁྲག་རྩ་རྡོ་བ་དང་བར་དར་འོག་གི་ཁྲག་རྩ་རྡོལ་བ་སོགས་འདུས་ཡོད། གལ་ཏེ་ནད་གཞི་གང་ཡིན་གསལ་བོར་ངོས་འཛིན་བྱས་ན་རྒྱུན་པར་ནད་ཀྱི་འབྱུང་རྐྱེན་བཙལ་ནས་གང་ནུས་ཀྱིས་གསོ་བཅོས་བྱེད་དགོས་པ་མ་ཟད།ཀླད་ཆེན་གནོན་ཤུགས་ཇེ་དམའ་རུ་གཏོང་བའི་གསོ་བཅོས་ཀྱང་བྱེད་དགོས།དགོས་ངེས་ཀྱི་དུས་སུ་མྱུར་སྐྱོབ་གཤགས་བཅོས་བྱེད་དགོས།དེའི་ཁྲོད་དུ་འཕར་རྩའི་སྐྲན་རྡོལ་ནས་བསླངས་པའི་བར་དར་འོག་ཁྲག་རྡོལ་བ་ལ་འཕྲལ་བྱུང་འཕར་རྩའི་སྐྲན་རེངས་འགགས་ཀྱི་གསོ་བཅོས་བྱེད་དགོས།

ཁྲག་གི་ཉེན་ཁ།

01 ཚད་ལྡན་གྱི་འཚོ་བའི་བྱེད་ཐབས་སྤྱད་དེ་ཁྲག་ཤེད་མཐོ་བའི་ནད་ལ་འགོག་བཅོས་བྱེད་པ།དཔེར་ན།ཚྭ་ཉུང་ཏུ་གཏོང་བ་དང་ཐ་མག་གཅོད་པ།འགུལ་སྐྱོད་འོས་འཚམས་བྱེད་པ་སོགས་ཡིན།

02གཅིན་པ་མངར་འགྱུར་གྱི་ནད་འགོག་བཅོས་བྱེད་པགཅིན་པ་མངར་འགྱུར་གྱི་མིར་ཀླད་པའི་ནད་ཕོག་ཚད་ཀྱི་ཉེན་ཁ་ལྡབ་3.6འཕར་སྣོན་བྱུང་བ་དང་།ཁྲག་ཧྭགས་རྒྱུན་ལྡན་མིན་པའི་ཀླད་པའི་ཁྲག་རྩའི་ནད་ཇེ་མགྱོགས་སུ་ཇེ་ལྗིད་དུའགྲོ་བ་ནི་ཀླད་འདས་ནད་ཡང་བསྐྱར་འབྱུང་བ་དང་འབྲེལ་བ་ཡོད། ཁྲག་ཧྭགས་ཀྱི་ཚད་གཞི་ལ་ཚོད་འཛིན་བྱེད་པ་ནི་ཀླད་པའི་ཁྲག་རྩའི་ནད་ཅན་ལ་སྔོན་འགོག་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་ལ།དམིགས་ཡུལ་ཚོད་འཛིན་བྱེད་པ་ནི་གཤམ་གྱི་རེའུ་མིག་ཡིན


03防治血脂异常低密度脂蛋白胆固醇增高为颈动脉粥样硬化的危险因素,与缺血性卒中相关性较大。治疗中度高胆固醇血症,可使缺血性脑卒中的发生率降低19%31%强化降低胆固醇预防脑卒中研究发现,强化他汀类药物治疗可显著降低脑卒中和短暂性脑缺血发作的相对危险。

03ཁྲག་ཞག་རྒྱུན་ལྡན་མིན་པའི་སྟུག་ཚད་དམའ་བའི་ཚིལ་དང་། སྤྲི་དཀར། མཁྲིས་རྒྱུ་གཤེར་རྩི་བཅས་ཇེ་མཐོར་འགྲོ་བ་ནི་སྐེ་ཡི་འཕར་རྩ་འཇམ་འདྲའི་སྲ་འགྱུར་གྱི་ཉེན་ཁའི་རྒྱུ་རྐྱེན་ཡིན་ལ།ཁྲག་ཟད་རང་བཞིན་དང་གྲིབ་ནད་ལ་འབྲེལ་བ་ཅུང་ཆེ། མཁྲིས་རྒྱུ་གཤེར་རྩི་མཐོ་བའི་ཁྲག་ནད་ལ་གསོ་བཅོས་བྱས་ན་ཁྲག་ཟད་རང་བཞིན་གྱི་ཀླད་འདས་ནད་ཀྱི་བྱུང་ཚད་19%-3%ཇེ་དམའ་རུ་གཏོང་ཐུབ། མཁྲིས་རྒྱུ་གཤེར་རྩི་དམའ་རུ་བཏང་རྗེས་ཀླད་ཁྲག་མི་ཟགས་པའི་ནད་པར་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན།ཐ་ཏིང་རིགས་ཀྱི་སྨན་གྱིས་ཀླད་ཁྲག་མི་ལྡང་བའི་ནད་པ་དང་དུས་ཐུང་རང་བཞིན་གྱི་ཀླད་ཁྲག་མི་ལྡང་བའི་ནད་པར་བལྟོས་བཅས་ཀྱི་ཉེན་ཁ་མངོན་གསལ་དོད་པོས་ཆུང་དུ་ཕྱིན་ཡོད།

 

4心房颤动

缺血性脑卒中约有20%为心源性栓塞,其中以心房纤颤最为重要。非瓣膜性房颤发生卒中的危险每年约5%,是同年龄组的6倍,风心病房颤卒中危险增加17倍。

对于房颤脑栓塞低危患者,可不用抗栓治疗,对于中危患者,可用抗血小板治疗或抗凝治疗,对于高危患者应抗凝治疗。

05动脉粥样硬化性颈动脉狭窄

颈动脉狭窄是缺血性脑血管病的重要危险因素,多由动脉硬化引起。狭窄程度超过70%的患者,每年脑卒中的发病率约为3%~4%。

治疗方法包括药物(主要为阿司匹林、氯吡格雷和他汀类药物)和手术治疗(颈动脉内膜切除术和颈动脉狭窄支架置入术)。

04སྙིང་ཁང་འདར་འགུལ་ཁྲག་ཟད་རང་བཞིན་གྱི་ཀླད་ཁྱིམ་དུ་20%ཙམ་སྙིང་ཁོངས་རང་བཞིན་གྱི་རེང་འགགས་ཡིན་པ་དང་།དེའི་ཁྲོད་སྙིང་ཁང་འདར་རྒྱུ་ནི་གལ་ཆེ་ཤོས་ཡིན།འདབ་སྐྱི་མིན་པའི་ཁང་འདར་ནད་པའི་ཁྲོད་ཀྱི་ཉེན་ཁ་ལོ་རེར་5%ཡིན།དེ་ནི་ལོ་ཚོད་གཅིག་པའི་ཚོགས་ཆུང་གི་ལྡབ་6ཡིན།སྙིང་འདར་ནད་པའི་ཁྲོད་ཀྱི་ཉེན་ཁ་ལྡབ་17གྱིས་ཆེ། སྙིང་ཁང་འདར་ནས་ཀླད་རྩ་འགག་པ་ཉུང་ཞིང་ཉེན་ཁ་ཆུང་བའི་ནད་པར་འགོག་གནོན་སྨན་བཅོས་བྱ་མི་དགོས།ཉེན་འབྲིང་ནད་པར་ཁྲག་རྡུལ་འགོག་པའི་སྨན་བཅོས་དང་ཡང་ན་དཀག་འགོག་སྨན་བཅོས་བྱས་ཆོགཉེན་ཁ་ཆེ་བའི་ནད་པར་དཀག་འགོག་སྨན་བཅོས་བྱ་དགོས།

05动脉粥样硬化性颈动脉狭窄

颈动脉狭窄是缺血性脑血管病的重要危险因素,多由动脉硬化引起。狭窄程度超过70%的患者,每年脑卒中的发病率约为3%~4%。治疗方法包括药物(主要为阿司匹林、氯吡格雷和他汀类药物)和手术治疗(颈动脉内膜切除术和颈动脉狭窄支架置入术)。

05འཕར་རྩ་འཇམ་འདྲའི་སྲ་འགྱུར་རང་བཞིན་གྱི་མཇིང་རྩ་འཕར་ལྡང་གུ་དོག་པ་ནི་ཁྲག་ཟད་རང་བཞིན་གྱི་ཀླད་པ་ཁྲག་རྩའི་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ལ་མང་ཆེ་བ་འཕར་རྩ་སྲ་འགྱུར་ལས་བྱུང་བ་ཡིན། གུ་དོག་པའི་ཚད་70%ལས་བརྒལ་བའི་ནད་པའི་ཁྲོད་དུ་ལོ་རེར་ཀླད་པའི་ནད་ཕོག་ཚད་ཧ་ལམ་3%-4%ཟིན་ཡོད། གསོ་བཅོས་བྱེད་ཐབས་ལ་སྨནགཙོ་བོ་ཨ་སི་ཕི་ལིང་དང་།ཁིལ་ཕི་ཀེ་ལེ་དང་།ཁོ་ཐིང་རིགས་ཀྱི་སྨན་དང་གཤགས་བཅོས་གསོ་བཅོསམཇིང་རྩའི་ནང་སྐྱི་གཅོད་འབྱིན་གཤག་ཐབས་སྐེ་ཡི་འཕར་རྩ་གུ་དོག་པའི་སྒྲོམ་བུའི་ནང་གཤགས་བཅོསབཅས་ཡོད།


06戒烟限酒

长期吸烟者发生脑卒中的危险是不吸烟者的 6倍,长期被动吸烟脑卒中发病危险增加1.82倍。长期大量饮酒者发生出血性脑卒中的危险比不喝酒者高3倍。戒烟限酒可以减少卒中的发生。控制体重肥胖者缺血性脑卒中的发病危险高于非肥胖者2.2倍,成年人BMI应控制在28kg/m2以内。

06ཐ་མག་གཅོད་མཁན་གྱིས་དུས་ཡུན་རིང་བོར་ཐ་མག་མི་འཐེན་པ་ལས་ནད་

བྱུང་བའི་ཉེན་ཁའི་ཚད་ནི་ཐ་མག་རྩ་བ་ནས་མི་འཐེན་པའི་ལྡབ་6ཡིན་ལ།དུས་ཡུན་རིང་བོར་གཞན་དབང་གིས་ཐ་མག་མི་འཐེན་པའི་ནད་པའི་ཀླད་པར་ནད་བྱུང་བའི་ཉེན་ཁ་ལྡབ1.82ཡིན། དུས་ཡུན་རིང་བོར་ཆང་ཚད་ལས་རྒལ་བ་འཐུང་མཁན་ལ་ཀླད་ཁྲག་རྡོལ་བའི་ནད་འབྱུང་བའི་ཉེན་ཁ་ནི་ཆང་རྩ་བ་ནས་མི་འཐུང་མཁན་ལས་ལྡབ3གྱིས་མཐོ། དེ་བས་ཐ་མག་གཅོད་པ་དང་ཆང་ལ་ཚོད་འཛིན་བྱས་ན་ཀླད་པའི་

ཁྲག་རྩའི་ནད་འབྱུང་ཚད་ཇེ་ཆུང་དུ་གཏོང་ཐུབ། ལུས་ཀྱི་ལྗིད་ཚད་ལ་ཚོད་འཛིན་བྱས་ན་ཚོ་ཆེ་བའི་རིགས་ལ་ཁྲག་ཟད་རང་བཞིན་གྱི་ཀླད་པའི་ནད་འབྱུང་བའི་ཉེན་ཁ་དེ་ཚད་ལྡན་གྱི་མིའི་ལྡབ་2.2ལས་མཐོ་བ་དང་།ནར་སོན་པའི་མིBMIངེས་པར་དུ་28km2ནང་དུ་ཚོད་འཛིན་བྱེད་དགོས།

08防治高同型半胱氨酸血症

高同型半胱氨酸血症是脑卒中的独立危险因素,当同型半胱氨酸高于16μmol/L时应予干预。一般人群以饮食调节为主,也可采取叶酸、维生素B6、维生素B12联合治疗。

(二)二级预防

除了和一级预防一样改善生活方式、控制卒中的各种危险因素外,也可使用抗血小板药及他汀类药预防卒中。二级预防的药物三大基石分别为降压药、抗血小板药及他汀类降脂药。

脑卒中的七大误区

1、误区一:脑卒中发病太急,没有预兆(在前面内容已经介绍)

如果及时发现脑卒中征兆,抓紧抢救,75%的脑卒中可以被控制!

脑卒中发病虽急,但如果能注意到发病预兆,及时就医,大部分(75%)的脑中风是可以被控制的。

这些脑卒中预警又叫小中风,一定不要轻视,一定要及时去医院进行诊治。

我国70%以上的脑卒中是脑梗死,其最有效的治疗是静脉溶栓和取栓手术治疗。

但是,静脉溶栓治疗对“时间”的要求极为苛刻,必须在发病4.5-6小时内接受治疗才能大大提高成功率;而即便是取栓手术,最长时间也只有16-24小时。所以治疗越早效果越好!

2、误区二:中青年人不必担心发生脑卒中

年轻人甚至儿童都有可能得脑卒中!

在人们的印象中,脑血管病与老年人密切相关,而中青年不必为此担心。在我们的临床实践中,中青年人发生动脉瘤破裂并非绝无仅有,中青年时期如果不注意预防,同样会发生脑中风。据临床资料表明,绝大部分中风病人是在60岁以前发病。

近年来脑血管病的发病有逐渐年轻化的趋势,发病年龄越来越小,其中的原因是多方面的。部分年轻人一些不良的生活习惯,如熬夜、抽烟、喝酒、过度劳累、肥胖、高脂高糖饮食等生活方式都会使脑卒中在年轻人中高发。因此,中青年人切不可掉以轻心。 

3、误区三:定期输液能预防脑卒中

所谓的“输液预防“,并不科学。

所谓的“输液通血管治疗”,主要是指有些急性脑卒中或心梗的患者可以通过用药或其他方法,把处于缺血边缘状态的组织重新救回来。

但是这样的治疗条件限制很严格,溶栓药物只有条件符合了才会给患者使用,根本不可能随便拿来输液。真正能够预防脑卒中的方法是控制好导致脑卒中的危险因素,包括吸烟、酗酒、肥胖、高血压、糖尿病、冠心病和高胆固醇血症等,规律口服二级预防药物,采取健康的生活方式。

4、误区四:降压药头晕、头痛才吃,平时不用吃

有些高血压患者经常服药不规律,总是凭感觉吃药停药。这种间断和无规律的治疗不但造成血压较大幅度的波动,而且加重了动脉硬化,并对心脏、脑、肾脏等靶器官的损害。最终给血管造成不可逆的损伤,更容易诱发脑卒中。

08གཅིགམཚུངས་རང་བཞིན་གྱི་ཕྱེད་ཀོན་ཨེམ་སྐྱུར་གྱི་ཁྲག་ནད་མཐོ་དབྱིབས་གཅིག་མཚུངས་རང་བཞིན་གྱི་ཕྱེད་ཀོན་ཨེམ་སྐྱུར་ཁྲག་ནད་ནི་ཀླད་འདས་ཁྲོད་ཀྱི་རང་ཚུགས་ཉེན་ཁའི་རྒྱུ་རྐྱེན་ཞིག་ཡིན།རིགས་མཐུན་རང་བཞིན་གྱི་ཕྱེད་ཀོན་ཨེམ་སྐྱུར་16u/Lལས་མཐོ་དུས་ཐེ་གཏོགས་བྱེད་དགོས། སྤྱིར་བཏང་མང་ཚོགས་ཀྱིས་གཙོ་བོ་བཟའ་བཏུང་སྙོམས་སྒྲིག་དང་།ཡང་ལོ་སྐྱུར།འཚོ་རྒྱུ་B6འཚོ་རྒྱུ་B12མཉམ་འབྲེལ་བྱས་ཏེ་གསོ་བཅོས་བྱེད་དགོས། གཉིས།རིམ་པ་གཉིས་པའི་སྔོན་འགོག་ནི་རིམ་པ་དང་པོའི་སྔོན་འགོག་དང་འདྲ་བར་བཟའ་བཏུང་སྤྱོད་སྟངས་དང་ཚོད་འཛིན་ཁྲོད་ཀྱི་ཉེན་ཁའི་རྒྱུ་རྐྱེན་སྣ་ཚོགས་ལ་ལེགས་བཅོས་བྱེད་པ་ལས་གཞན།ཁྲག་རྡུལ་འགོག་པའི་སྨན་དང་གཞན་ཏེན་རིགས་ཀྱི་སྨན་སོགས་བཀོལ་ནས་སྔོན་འགོག་བྱེད་དགོས། རིམ་པ་གཉིས་པའི་སྔོན་འགོག་སྨན་རྫས་ཀྱི་རྨང་རྡོ་ཆེན་པོ་གསུམ་ནི་ཁྲག་ཤེད་གཅོག་པའི་སྨན་དང་།ཁྲག་རྡུལ་འགོག་པའི་སྨན།གཞན་ཏིང་རིགས་ཀྱི་ཚིལ་གཅོག་སྨན་བཅས་ཡིན། ཀླད་པའི་ཁྲག་རྩའི་ནད་གཞིའི་ཐད་ཀྱི་ནོར་འཁྲུལ་བདུན། 1.ནོར་འཁྲུལ་དང་པོ།ཀླད་འི་ཁྲག་རྩའི་ནད་བྱུང་བ་ཧ་ཅང་ཚབས་ཆེ་བ།སྔ་ལྟསགོང་དུ་ངོ་སྤྲོད་ཞུས་ཟིནགལ་ཏེ་དུས་ལྟར་ཀླད་ནད་ཀྱི་སྔ་ལྟས་མཐོང་ན།མྱུར་བཅོས་ཀྱི་དུས་ཚོད་དམ་འཛིན་བྱས་ན། ཀླད་ནད་ཁྲོད་ཀྱི་75%ཚོད་འཛིན་བྱེད་ཐུབ། སྤྱིར་བཏང་ཀླད་པར་ནད་ཕོག་ན་ཚབས་ཆེ་མོད། ཡིན་ནའང་ནད་བྱུང་བའི་སྔ་ལྟས་ལ་དོ་སྣང་བྱས་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་ན། ནད་པ་མང་ཆེ་བའི་ཀླད་པའི་གྲིབ་ནད་ལ་ཚོད་འཛིན་བྱེད་ཐུབ།ནད་འདི་ལ་གྲིབ་ནད་ཆུང་བ་ཟེར། ནད་འདི་ལ་མཐོང་ཆུང་མི་བྱེད་པར་དུས་ལྟར་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་རྒྱུ་གལ་ཆེ།རང་རྒྱལ་གྱི་70%ཡན་གྱི་ཀླད་ནད་ནི་ཀླད་པའི་ཁྲག་རྩ་འགག་པའི་ནད་ཡིན་ལ།དེ་ལ་ཆེས་ཕན་ནུས་ལྡན་པའི་གསོ་བཅོས་ཀྱི་ཐབས་ལམ་ནི་སྡོད་རྩའི་ཞུ་སྨན་དང་གཤགས་བཅོས་བྱེད་རྒྱུ་དེ་ཡིན། འོན་ཀྱང་།སྡོད་རྩའི་ཞུ་སྨན་གྱིས་དུས་ཚོད་ལ་རེ་བ་ནན་མོ་བཏོན་ཡོད་པས།ངེས་པར་དུ་དུས་ཚོད་4.5-6གི་ནང་དུ་གསོ་བཅོས་བྱས་ན་ད་གཟོད་ལེགས་འགྲུབ་ཀྱི་ཚད་ཇེ་མཐོར་གཏོང་ཐུབ།གཤགས་བཅོས་དུས་ཡུན་ཆེས་རིང་ནའང་ཆུ་ཚོད་16-24བར་ལས་མེད། དེ་བས་གསོ་བཅོས་བྱས་ན་ཕན་འབྲས་དེ་བས་བཟང་། 2.ནོར་འཁྲུལ་གཉིས་པ།དར་མ་དང་ན་གཞོན་རྣམས་ཀྱིས་ཀླད་པར་ནད་ཕོག་པའི་སྐོར་ལ་དོ་སྣངམི་བྱེདརྒྱུན་པར་མི་རྣམས་ཀྱི་འཚོ་བའི་ཁྲོད་ཀླད་པའི་ཁྲག་རྩའི་ནད་ནི་ལོ་ན་རྒན་པའི་རིགས་དང་འབྲེལ་བ་དམ་ཟབ་ཡོད་པའི་འདུ་ཤེས་ཆགས་ཡོད། ཡིན་ནའངནད་ཐོག་ལག་ལེན་ཁྲོད་གཞོན་ནུ་ཚོར་འཕར་རྩའི་ནད་འགྱུར་བྱུང་བའི་གནས་ཚུལ་ཡང་ཉུང་ཉུང་ཞིག་མ་ཡིན་པསགཞོན་དུས་སུ་ཀླད་པའི་ཁྲག་རྩའི་ནད་ལ་སྔོན་འགོག་ལ་དོ་སྣང་མ་བྱས་ན་སྔར་བཞིན་ཀླད་པར་གྲིབ་ནད་འབྱུང་སྲིད། ནད་ཐོག་གི་དཔྱད་ཡིག་ལྟར་ན།གྲིབ་ནད་ཅན་མང་ཆེ་བ་ནི་ལོ60སྔོན་དུ་བྱུང་བ་ཡིན། ཉེ་བའི་ལོ་འགའི་རིང་ལ་ཀླད་པའི་ཁྲག་རྩའི་ནད་དེ་རིམ་བཞིན་ན་གཞོན་ཅན་དུ་འགྱུར་བཞིན་ཡོད།ནད་བྱུང་བའི་ལོ་ཚོད་ནི་ཇེ་ཆུང་ནས་ཇེ་ཆུང་ཡིན་ལ།དེར་རྒྱུ་རྐྱེན་སྣ་གཅིག་མ་ཡིན་པར་ཕྱོགས་མང་པོ་ཞིག་ཡོད། ན་གཞོན་ལ་ལའི་འཚོ་བའི་གོམས་སྲོལ་མི་ལེགས་པ་འགའ་སྟེ།དཔེར་ན་མཚན་གཉིད་ཡེར་བ་དང་།དུ་བ་འཐེན་པ།ཆང་འཐུང་བ།ངལ་དུབ་ཆེས་ཆེ་བ།ཚོ་ཆེ་བ།ཚིལ་མཐོ་མངར་ཆའི་བཟའ་བཏུང་བག་མེད་དུ་སྤྱོད་པ་སོགས་ཀྱི་འཚོ་བ་རོལ་སྟངས་སྣ་ཚོགས་ཀྱིས་ན་གཞོན་ཁྲོད་དུའང་མང་པོ་འབྱུང་བཞིན་ཡོད། དེ་བས་དར་མ་དང་ན་གཞོན་རྣམས་ཀྱིས་ནད་འདི་ལ་སྣང་མེད་རྩ་བ་བྱེད་མི་རུང་3. ནོར་འཁྲུལ་གསུམ་པ།དུས་བཅད་ལྟར་གནམ་ཁབ་བརྒྱབ་ན་སྔོན་འགོག་བྱེད་ཐུབ་ཀྱང་ཚན་རིག་དང་མི་མཐུན།གནམ་ཁབ་བརྒྱབ་ནས་ཁྲག་རྩ་ཤར་གཏོང་ཐུབ་པའི་སྨན་བཅོསཞེས་པ་ནི་གཙོ་བོ་ཏོས་དྲག་རང་བཞིན་གྱི་ཀླད་པའི་ནང་དང་སྙིང་རྩའི་ནད་ཕོག་པའི་ནད་པས་སྨན་དང་ཡང་ན་བྱ་ཐབས་གཞན་སྤྱད་ནས་ཁྲག་གིས་མི་འདང་བའི་གནས་ཚུལ་བསྐྱར་དུ་སྐྱོབ་ཐུབ་པར་ཟེར། འོན་ཀྱང་དེ་ལྟ་བུའི་སྨན་བཅོས་ཆ་རྐྱེན་གྱི་ཚོད་འཛིན་ཧ་ཅང་ནན་མོ་ཡིན་ཏེ།སྨན་སྟེར་བའི་ཆ་རྐྱེན་འཛོམས་ན་ད་གཟོད་ནད་པར་བེད་སྤྱོད་གཏོང་ཆོག་པས།གང་འདོད་ལྟར་སྨན་ཆུ་བླུགས་མི་ཆོག དངོས་གནས་སྔོན་འགོག་བྱེད་ཐུབ་པའི་ཐབས་ནི་ཀླད་པར་ནད་ཕོག་པའི་ནད་ཀྱི་ཉེན་ཁའི་རྒྱུ་རྐྱེན་ལ་ཚོད་འཛིན་ཡག་པོ་བྱ་རྒྱུ་དེ་ཡིན།དེའི་ཁོངས་སུ་ཐ་མག་འཐེན་པ་དང་།ཆང་རག་ལ་རོལ་བ།རྒྱགས་པ་ཆགས་པ།ཁྲག་ཤེད་མཐོ་བ།གཅིན་པ་མངར་འགྱུར་གྱི་ནད།སྙིང་ནད།མཁྲིས་རྒྱུ་གཤེར་རྩི་མཐོ་བའི་ཁྲག་ནད་སོགས་ཚུད་ཡོད། གསོ་བཅོས་ནི་རིམ་པ་གཉིས་པའི་སྔོན་འགོག་སྨན་རྫས་འཐུང་བ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཤིག་ཡིན། 4.ནོར་འཁྲུལ་བཞི་པ།ཁྲག་ཤེད་གཅོག་པའི་སྨན་ནི་མགོ་ཡུ་འཁོར་བ་དང་།མགོ་ན་དུས་ད་གཟོད་ཟ་དགོས།རྒྱུན་དུ་ཁྲག་ཤེད་མཐོ་བའི་ནད་པ་ལ་ལས་རྒྱུན་པར་སྨན་བསྟེན་དགོས་པའི་ངེས་པ་མེད།གཙོ་ཆེར་བཟའ་བཏུང་ལ་བརྟེན་ནས་སྨན་འཐུང་མཚམས་འཇོག་དགོས། འདི་ལྟ་བུའིམཚམས་བཅད་དང་ཆོས་ཉིད་མེད་པའི་གསོ་བཅོས་ཀྱིས་ཁྲག་ཤེད་ལ་འགྱུར་ལྡོག་ཆེན་པོ་འབྱུང་དུ་བཅུག་པར་མ་ཟད།འཕར་རྩ་སྲ་འགྱུར་ཡང་ཇེ་ལྗིད་དུ་གཏོང་བ་མ་ཟད།ད་དུང་སྙིང་དང་ཀླད་པ།མཁལ་མ་སོགས་གལ་ཆེའི་དབང་བོར་གནོད་འཚེ་ཐེབས་པ་རེད། མཇུག་མཐར་ཁྲག་རྩ་ལ་ལྡོག་ཐབས་མེད་པའི་དམས་སྐྱོན་བཟོས་ནས་ཀླད་འདས་ཀྱི་ནད་འབྱུང་སླ་བ་ཡིན།

高血压患者的血压控制是一个长期的过程,正确的服药方法是血压降到目标范围后,在医生的指导下坚持规律服药,并定期对血压进行监测,减少血压大幅度波动。

5、误区五:阿司匹林可以预防各种脑卒中

阿司匹林有增加出血的风险,应在医生指导下服用。临床实践中应用阿司匹林,应当先做好评估获益与风险。医生在评估阿司匹林治疗获益和风险的权衡取决于 4 个方面:出血风险、基础心血管病发病风险、阿司匹林治疗依从性以及年龄。

ཁྲག་ཤེད་མཐོ་བའི་ནད་པའི་ཁྲག་ཤེད་ཚོད་འཛིན་ནི་དུས་ཡུན་རིང་པོའི་བརྒྱུད་རིམ་ཞིག་ཡིན་ལ།ཡང་དག་པའི་སྨན་བསྟེན་ཐབས་ནི་ཁྲག་ཤེད་དམིགས་འབེན་གྱི་ཁྱབ་ཁོངས་སུ་བབས་རྗེས།སྨན་པའི་མཛུབ་སྟོན་འོག་ཆོས་ཉིད་ལྟར་སྨན་འཐུང་བ་རྒྱུན་འཁྱོངས་བྱེད་པ་མ་ཟད།དུས་བཅད་ལྟར་ཁྲག་ཤེད་ལ་བརྟག་དཔྱད་བྱས་ཏེ།ཁྲག་ཤེད་ལ་འགྱུར་ལྡོག་ཆེན་པོ་འབྱུང་བར་འབད་དགོས། 5.ནོར་འཁྲུལ་ལྔ་པ།ཨ་སི་ཕི་ལིང་གིས་ཀླད་ཁྲག་ཐོན་པའི་ཉེན་ཁ་སྣ་ཚོགས་སྔོན་འགོག་བྱེད་ཐུབ་པས་སྨན་པའི་མཛུབ་སྟོན་འོག་འཐུང་དགོས། ནད་ཐོག་ལག་ལེན་ཁྲོད་དུ་ཨ་སི་ཕི་ལིན་བཀོལ་དགོས་ན།སྔོན་ལ་ཕན་ནུས་དང་ལོག་ནུས་ལ་བརྟག་དཔྱད་ལེགས་པོ་བྱེད་དགོས། སྨན་པས་ཨ་སི་ཕི་ལིང་གི་སྨན་ནུས་ལེགས་ཉེས་ལ་བསམ་གཞིག་བྱེད་པ་ནི་ཕྱོགས་4ལ་རག་ལས་པ་སྟེ།ཁྲག་ཟགས་པའི་ཉེན་ཁ་དང་།རྨང་གཞིའི་སྙིང་གི་ཁྲག་རྩའི་ནད་ཀྱི་ཉེན་ཁ།ཨ་སི་ཕི་ལིང་གི་སྨན་བཅོས་ལ་བརྟེན་གཤིས་དང་དེ་བཞིན་ལོ་ཚོད་བཅས་སོ། 


心血管病高危人群服用小剂量阿司匹林可以有效预防脑梗的发生,但是阿司匹林并不是万能的,抗血小板治疗也是一把双刃剑,在抗栓的同时势必会导致出血风险的增加。因此临床医生在进行决策时需要平衡治疗手段的疗效与安全性,也需要尽量纠正出血风险,以达到临床最大获益。

6、误区六:他汀类药物在血脂达标后即可停用

他汀类药不仅仅是降脂药,也是抗动脉粥样硬化的药物。

སྙིང་གི་ཁྲག་རྩའི་ནད་ནི་ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ཨ་སི་ཕི་ལིན་འཐུང་ན་ཀླད་ཁྲག་མི་འབྱུང་བར་བྱེད་ཐུབ་མོད།འོན་ཀྱང་ཨ་སི་ཕི་ལིང་ནི་ནད་བརྒྱ་སྨན་གཅིག་ལྟ་བུཞིག་གཏན་ནས་མིན། དེར་བརྟེན།ནད་ཐོག་སྨན་པས་ཇུས་ཐག་གཅོད་སྐབས་གསོ་བཅོས་ཀྱི་ཕན་ནུས་དང་བདེ་འཇགས་རང་བཞིན་སྙོམས་སྒྲིག་བྱེད་དགོས་ལ།ཁྲག་ཟགས་པའི་ཉེན་ཁ་ཡང་ཡོ་བསྲང་བྱས་ནས་ནད་ཐོག་གི་ཕན་པ་ཆེ་ཤོས་ཐོབ་ཐབས་བྱེད་དགོས། 6.ནོར་འཁྲུལ་དྲུག་པ།གཞན་ཐིང་རིགས་ཀྱི་སྨན་རྫས་ནི་ཁྲག་ཞག་ལོངས་རྗེས་སྤྱོད་མཚམས་འཇོག་དགོས། ཁོ་ཐིན་གྱི་སྨན་ནི་ཚིལ་འབེབས་སྨན་ཁོ་ན་མིན་ལ།འཕར་རྩ་འཇམ་འདྲའི་སྲ་འགྱུར་འགོག་པའི་སྨན་ཞིག་ཀྱང་ཡིན། 


抗动脉粥样硬化治疗需要长期服用他汀才能见效,若中途停药会导致粥样硬化斑块继续增长、斑块脱落或不稳定的斑块发生破裂,上述情况都会引发卒中再次发生。
因此,如果没有其他禁忌证,一般他汀类药物应该长期坚持服用。

7、误区七:脑卒中康复要靠「养」

发生脑卒中后,要尽早让患者进行适当的康复锻炼。

འཕར་རྩ་འཇམ་འདྲའི་སྲ་འགྱུར་འགོག་པའི་གསོ་བཅོས་ལ་དུས་ཡུན་རིང་བོར་ཁོ་ཐི་བསྟེན་ན་ད་གཟོད་ཕན་འབྲས་ཐོན་ཐུབ།གལ་ཏེ་སྨན་འཐུང་མཚམས་བཞག་ན་འཕར་རྩ་འཇམ་འདྲའི་སྲ་འགྱུར་ཁྲ་ཐིག་མུ་མཐུད་དུ་འཕར་ཞིང་ཁྲ་ཐིག་ལྷུང་བའམ་ཡང་ན་བརྟན་པོ་མིན་པའི་ཁྲ་ཐིག་འབྱུང་བས།གོང་གི་གནས་ཚུལ་འདི་དག་གིས་ནད་འདི་ཡང་བསྐྱར་འབྱུང་སྲིད། དེར་བརྟེན།གལ་ཏེ་འཛེམ་བྱ་གཞན་དག་མེད་ན།སྤྱིར་བཏང་དུ་ཁོ་ཐི་རིགས་ཀྱི་སྨན་དུས་ཡུན་རིང་པོར་འཐུང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། 7. ནོར་འཁྲུལ་བདུན་པ། ཀླད་པའི་ཁྲག་རྩའི་ནད་དྲག་སྐྱེད་འབྱུང་དགོས་ན་གསོ་བཅོསལ་བརྟེན་ནས་ཀླད་ཁྲག་ཐོན་རྗེས་གང་མགྱོགས་ཀྱིས་ནད་པར་འོས་འཚམ་གྱི་དྲག་སྐྱེད་སྦྱོང་བརྡར་བྱེད་དུ་འཇུག་དགོས།


不少人认为,发生了脑卒中,应当让患者在床上完全静养,少活动。殊不知,这种完全静养会严重影响患者偏瘫肢体的功能恢复,甚至可能使偏瘫肢体出现肌肉萎缩或者关节僵硬。

而正规的康复治疗训练开始得越早,康复效果越好。

脑卒中偏瘫的康复治疗应尽早实施,一般应在病情稳定后1周内开始。最佳康复期在发病后3个月之内。对3个月以上再进行康复治疗的患者(脑卒中后遗症期)也有一定的效果,关键在于方法正确。

最后脑卒中高危人群该如何综合预防

(1)定期进行体格检查,着重了解血压、血糖、血脂及体重的指数;

(2)有危险因素时及时请教脑血管病专科医生给予指导和治疗; 

(3)除不良生活习惯,如吸烟、酗酒、熬夜等;  

(4)合理饮食,应低盐、低脂肪、低糖、低胆固醇,适量蛋白质、脂肪、丰富维生素及微量元素饮食;     

(5)适当增加活动量、科学锻炼、控制体重避免肥胖;     

(6)保持大便通畅,注意气候变化,老年人冬天因注意头部保暖,夏天注意防署多饮水每天最少800ML以上为宜;    

(7)调整生活方式,劳逸结合,保证充足的睡眠,心情舒畅,避免过劳,切忌激动暴躁; 

(8)积极治疗,严格控制高血压、糖尿病、高脂血症,定期在脑血管病门诊随访。

部分内容摘自《广西壮族自治区人民医院脑血管·脊髓神经外科副主任医师钟书

མི་མི་ཉུང་བ་ཞིག་གིས་ཀླད་པར་ནད་བྱུང་ཚེ་ནད་པ་མལ་ཁྲིའི་སྟེང་དུ་ངལ་གསོ་རུ་འཇུག་པ་དང་འགུལ་སྐྱོད་ཉུང་ཙམ་བྱེད་དུ་འཇུག་དགོས། དེ་ལྟར་བྱས་ན་ནད་པའི་གཞོགས་ཕྱེད་ཞ་བའི་རྐང་ལག་གི་ནུས་པ་སླར་གསོ་བྱེད་པར་ནུས་ཤུགས་ཆེན་པོ་ཐེབས། དེ་ལྟར་མ་བྱས་ནགཞོགས་ཕྱེད་ཞ་བ་དང་ཡང་ན་ཚིགས་རེངས་པར་འགྱུར་སྲིད། ཚད་ལྡན་གྱི་ཁམས་གསོ་སྦྱོང་བརྡར་ནས་མགོ་བརྩམས་པ་ཇི་ལྟར་སྔ་ན་དེའི་ཕན་འབྲས་ཀྱང་དེ་ལྟར་བཟང་། སྤྱིར་བཏང་དུ་ནད་པའི་ཚེ་སྲོད་གནས་ཚུལ་སྲ་བརྟན་དུ་སོང་རྗེས་ཀྱི་གཟའ་འཁོར་གཅིག་གི་ནང་དུ་མགོ་བརྩམ་དགོས། དྲག་སྐྱེས་དུས་སྐབས་བཟང་ཤོས་ནི་ནད་ཕོག་རྗེས་ཀྱི་ཟླ་བ་གསུམ་གྱི་ནང་ཡིན། ཟླ་གསུམ་ཡན་ལ་ཡང་བསྐྱར་ཁམས་སོས་གསོ་བཅོས་བྱས་ན་ནད་པ་ལའང་ཕན་འབྲས་ངེས་ཅན་ཞིག་ཡོད། མཇུག་མཐར་ཀླད་ཁྲག་གི་ནང་དུ་ཉེན་ཁ་ཆེ་བའི་མི་ཚོགས་ལ་ཇི་ལྟར་ཕྱོགས་བསྡུས་སྔོན་འགོག་བྱེད་དགོས་སམ།

1དུས་བཅད་ལྟར་ལུས་ཕུང་ལ་བརྟག་དཔྱད་བྱས་ཏེ།ཁྲག་ཤེད་དང་།ཁྲག་ཧྭགས་དང་།ཁྲག་རྒྱུན།ལུས་པོའི་ལྗིད་ཚད་བཅས་ཀྱི་སྟོན་གྲངས་ལ་རྒྱུས་ལོན་བྱེད་དགོས།

2ཉེན་ཁའི་རྒྱུ་རྐྱེན་ཡོད་ཚེ་དུས་ཐོག་ཏུ་ཀླད་པའི་ཁྲག་རྩའི་ནད་ཀྱི་ཆེད་ལས་ཚན་ཁག་གི་སྨན་པར་བཀའ་འདྲི་དང་སྨན་བཅོས་བྱེད་དུ་བྱ་དགོས།

3འཚོ་བའི་གོམས་གཤིས་མི་ལེགས་པ་སྟེ།དཔེར་ན་ཐ་མག་འཐེན་པ་དང་།ཆང་བག་མེད་འཐུང་བ།མཚན་མོར་མི་གཉིད་པ་སོགས་ལྟ་བུ།

4བཟའ་བཏུང་འོས་འཚམས་སྤྱོད་པར་ཚྭ་ཉུང་བ།ཚིལ་ཞག་ཉུང་བ།མངར་ཆ་ཉུང་བ།མཁྲིས་རྒྱུ་གཤེར་རྩི་དམའ་བ།སྤྲི་དཀར་ཚད་རན་པ།ཚིལ།འཚོ་བཅུད།ཚད་ཉུང་མ་རྒྱུ་བཅས་ཀྱི་བཟའ་བཏུང་སྤྱོད་དགོས།

5འོས་འཚམས་ཀྱིས་འགུལ་སྐྱོད་ཚད་ཇེ་མཐོར་གཏོང་བ་དང་།ཚན་རིག་དང་མཐུན་པར་སྦྱོང་བརྡར་བྱེད་པ།ལྗིད་ཚད་ལ་ཚོད་འཛིན་བྱས་ནས་ལུས་པོ་རྒྱགས་པོ་མི་ཆགས་པར་བྱེད་དགོས།

6གཅིན་གཏོང་བདེ་བ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱེད་དགོས།བགྲེས་པོ་དགུན་ཁར་མགོའི་དྲོད་ལ་དོ་སྣང་དང་དབྱར་ཁར་འགོག་སྲུང་ལ་དོ་སྣང་བྱེད་དགོས།ཆུ་མང་ཙམ་འཐུང་ན་ཉིན་རེར་ཆེས་ཉུང་ན་ཡང་MLཡན་ཆད་འཐུང་ན་འཚམས།

7འཚོ་བ་རོལ་སྟངས་ལེགས་སྒྲིག་དང་ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ།གཉིད་འདང་ངེས་ཤིག་ལོག་པ་དང་བློ་བདེ་བག་ཕེབས།ངལ་དུབ་ལ་འཛེམ་དགོས།

8ཧུར་ཐག་གིས་གསོ་བཅོས་བྱེད་དགོས་ཏེ།ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད།ཚིལ་མཐོ་ཁྲག་ནད་བཅས་ལ་ཚོད་འཛིན་ནན་མོ་བྱེད་དགོས་པ་དང་།དུས་བཅད་ལྟར་ཀླད་པའི་ཁྲག་རྩའི་ནད་ཀྱི་སྒོ་བསྟེན་སྨན་ཁང་དུ་བརྟག་དཔྱད་བྱེད་དགོས། ནང་དོན་ཁག་གཅིག་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཀླད་པའི་ཁྲག་རྩ་དང་རྒྱུངས་པའི་དབང་རྩའི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པའི་ཀྲུང་ཧྲུའུལས་བཤུས།